ཟིན་བྲིས། | ཟིན་བྲིས་ཐོ་འགོད།    
Visitor
དེབ་སྐྱེལ་གསར་ཤོས།

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོ་སྤྲོད་དང་དེའི་བྱུང་རིམ་རགས་བཤད།

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་སྤྱི་ལོ་༡༩༩༩ལོའི་སྤྱི་ཟླ་༣པའི་ཚེས་༡༩ཉིན་དབུ་བརྙེས་ཏེ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་མཆོག་མཆན་ཨང་རྟགས་༡༡༨༨།༩༩འདི་གནང་བ་ནས་བཟུང་རྒྱལ་ཁབ་ཕྱི་ནང་ཀུལ་ལ་ཁྲིམས་མཐུན་གྱིས་ཁྱབ་བསྒྲགས་དང་ཕྱོགས་བསྐྱོད་ཀྱི་ཚོགས་འདུ་གང་མང་ལ་ཞུགས་མྱོང་ཡོད། སྤྱི་ལོ་༢༠༠༢ལོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་སུ་ཁྲིམས་མཐུན་ངོས་ལེན་བྱས།  མེ་སཱི་སྒྲོན་ནེ་ཡ་རྒྱལ་ཁབ་ཏུ་༢༠༠༢ལོར་ཐེངས་དང་པོའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་སུ་མཉམ་ཞུགས་བྱས་པ་ནས་རིམ་བཞིན། འཇར་མན་དང། ཨ་ཧྥེ་རི་ཁ། མེ་སི་ཁོ། ཨོ་སི་ཁྲོའུ་རིས་ཡ་སོགས་སུ་མཉམ་ཞུགས་ཀྱིས་བོད་ནང་གི་རྩོམ་པ་པོ་གང་མང་གི་ཛ་དྲག་གི་གནས་སྟངས་ཁྱབ་བསྒྲགས་བྱས།

མཐུན་ཚོགས་ཀྱི་དམིགས་ཡུལ་ནི།

བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་གཅེས་འཛིན་དང་ཉམས་པ་སོར་ཆུད།

བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་རིག་སོགས་ལ་འཁྱོག་བརྗོད་ཅི་བྱེད་བདེན་པས་ལན་འདེབས།

བོད་ཀྱི་སློབ་གསོ་དང་སྒྱུ་རྩལ་རྩོམ་རིག་ཡར་རྒྱས་ཡོང་ཐབས།

དྲང་བདེན་གཞི་ལ་བཞག་པའི་རྩོམ་པ་པོ་ཉམ་ཞན་རིགས་ལ་རྒྱབ་སྐྱོར།

བོད་ཀྱི་རྩོམ་རིག་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་ཐབས་དང་རྒྱལ་སྤྱིའི་རྩོམ་རིག་བོད་ཀྱི་ཁོར་ཡུག་ནང་སླེབས་ཐབས།

 

འདས་པའི་སྐབས་གསུམ་རིང་གི་རྒྱུན་ལས་མི་སྣ།

 

མཐུན་ཚོགས་འདིའི་སྐབས་དང་པོའི་རྒྱུན་ལས།

བླ་བྲང་སྐལ་བཟང་ཚོགས་གཙོ།

ཆབ་བྲག་ལྷ་མོ་སྐྱབས་ཚོགས་གཞོན།

བེ་རི་འཇིགས་མེད་དབང་རྒྱལ་འཛིན་སྐྱོང་དྲུང་ཆེ།

ལྕགས་མོ་འཚོ་ཕྱི་འབྲེལ་དྲུང་ཆེ།

ཀ་རིང་ཐུབ་རྒྱམ་རྩོམ་སྒྲིག་པ།

 

སྐབས་གཉིས་པའི་རྒྱུན་ལས།

ཆབ་བྲག་ལྷ་མོ་སྐྱབས་ཚོགས་གཙོ།

ཀུན་ཐར་དོན་གྲུབ་ཚོགས་གཞོན།

བཀའ་ཐུབ་རྒྱལ་འཛིན་སྐྱོང་དྲུང་ཆེ།

སྒྲོལ་མ་སྐྱབས་རྩོམ་སྒྲིག་པ་དང་རྩིས་གཉེར་བ།

 

སྐབས་གསུམ་པའི་རྒྱུན་ལས།

ཆབ་བྲག་ལྷ་མོ་སྐྱབས་ཚོགས་གཙོ།་

ཀུན་ཐར་དོན་གྲུབ་ཚོགས་གཞོན།

གངས་དཀར་རྒྱལ་སྲས་འཛིན་སྐྱོང་དྲུང་ཆེ།

བུད་ངྷ་སྐྱབས་ཕྱི་འབྲེལ་དྲུང་ཆེ་དང་དངུལ་གཉེར།

ཨ་འཇམ་དབྱངས་ཚུལ་ཁྲིམས་རྩོམ་སྒྲིག་པ།

བསོད་ནམས་རྒྱལ་མཚན་འབྲེལ་མཐུད་པ།

བསྟན་འཛིན་ཆོས་དབྱིངས་རྩིས་པ་དང་གསར་འགོད་པ་རྩོམ་སྒྲིག་ལས་རོགས་འགྲེམས་སྤེལ་པ་བཅས་ཡིན།

 

 
0 Votes

5 Comments

  1. u452li , [url=http://cfphojjmrddw.com/]cfphojjmrddw[/url], [link=http://jmctttmiyfdv.com/]jmctttmiyfdv[/link], http://uylcxupbspfv.com/
  2. 1Amieq , [url=http://lpsvqqpntavb.com/]lpsvqqpntavb[/url], [link=http://xuhcskzcueuh.com/]xuhcskzcueuh[/link], http://sdovvxphmcus.com/
  3. swrFiz bvmemfrbnauk
  4. You're a real deep thinker. Thanks for shainrg.
  5. གཟིགས་ད་མཁྱེན་གི་རེད

Add Comment